歌手《降央卓玛》 - 专辑《思念母亲 (单曲)》 - 歌词《思念母亲

在线试听歌曲《降央卓玛 - 思念母亲

降央卓玛 - 思念母亲歌词

下载《思念母亲文本歌词》
ཨ་མ་དྲན་གླུ།

གཞས་ཚིག སྨན་བླ་སྐྱབས།

གཞས་དབྱངས། མགར་བསམ་འགྲུབ་ཚེ་རིང་།

གཞས་མཁན། འཇམ་དབྱངས་སྒྲོལ་མ།


རི་མགོར་སྨུག་པ་མ་སྡོད་རྫ་རི་སྨུག་པོ་ལགས།

ཨ་མའི་བཞོ་དབྱངས་དྲན་བྱུང་གཡང་གི་འབྲི་མོ་ལགས།

དཀར་པོ་འོ་མར་འདྲེས་པའི་འཛུམ་མདངས་དེ།

སེར་པོ་མཆོད་མེ་འཆང་བའི་ལག་ཟུང་དེ།

ད་དུང་འཇིག་རྟེན་འདི་ན་ཡོད་ཡོད་འདྲ།

ཨོཾ་མ་ཎི་པདྨེ་ཧཱུྃ༔ ་་་ ་་་

དྲིན་ཅན་ཨ་མ་དྲན་བྱུང་།

རང་སེམས་སྨུག་གིས་བཟུང་སོང་། །


རི་མགོར་སྨུག་པ་མ་སྡོད་རྫ་རི་སྨུག་པོ་ལགས།

ཨ་མའི་བཞོ་དབྱངས་དྲན་བྱུང་གཡང་གི་འབྲི་མོ་ལགས།

སྔོན་མོ་ཆུ་ལས་རིང་བའི་བྱམས་སེམས་དེ།

དམར་པོ་མེ་ལས་དྲོ་བའི་བརྩེ་སེམས་དེ།

ད་དུང་འཇིག་རྟེན་འདི་ན་ཡོད་ཡོད་འདྲ།

ཨོཾ་མ་ཎི་པདྨེ་ཧཱུྃ༔ ་་་ ་་་

དྲིན་ཅན་ཨ་མ་དྲན་བྱུང་།

རང་སེམས་སྨུག་གིས་བཟུང་སོང་། །

ཕྱི་ལོ་ ༢༠༡༤ ཟླ་ ༤ ཚེས་ ༥ རེས་གཟའ་ཉི་མར་ལྷ་ལྡན་འཇག་གླིང་ཤག་ཏུ་བྲིས།

思念母亲LRC歌词

暂无<思念母亲>LRC歌词!

我来添加歌词