本歌词不能自动滚动
ལས་དབང་རེད། ལས་དབང་རེད། ཚུར་གཟིགས་དང་། འགྱུར་མེད་པ་ང་ཡི་སེམས། སེམས། བསྐོས་བཞག་རེད། བསྐོས་བཞག་རེད། ཚུར་གསན་དང་། ལྷད་མེད་པ་ང་ཡི་སེམས། སེམས། 你是你啊 你非你 我们非自己 སེམས་གཅོང་དེ་བཟོ་མཁན། སུ་རེད། བདེན་མཐའ་ཞིག་གསལ་ཐབས་མེད། མི་ཚེ་འདི་རྨི་ལམ་རེད། རྨི་ལམ་འདི་ཁྱེད་ཀྱིས་བསྐྲུན། ལང་ཚོ་འདི་མེ་ཏོག སུའི་རེད། ཞེན་ཆགས་ཀྱི་གདུང་བས་མནར། རི་མགོ་འདི་མཐོན་པོ་རེད། མཐོན་པོ་རུ་དར་ལྕོག་བཙུགས། དར་ལྕོག་དེ་རླུང་གིས་བསྐྱོད། རྒྱུགས། བརྩེ་སེམས་ཀྱི་རྟ་ཕོ་རྒྱུགས། སྒྲིབ། ལ་ལུང་དེ་རྡུལ་གྱིས། ཤོར། རང་སེམས་དེ་ཕྱོགས་སར་ཤོར། ཤོར། རང་སེམས་དེ་ཕྱོགས་སར་ཤོར། ལེ་དབར་དེ། ལེ་དབར་དེ། སྟོང་གིས་ཆོད། གཡོ་མེད་པ་ང་ཡི་སེམས། སེམས། སྤང་ལྗོངས་ཀྱི་ དལ་འགྲོ་མས་ ལྷུང་ལྷུང་རྒྱུགས། བརྩེ་སེམས་མེ་ཏོག་འཐུ། སེམས་ཀྱི་མེ་ཏོག་འཐུ། 你是你啊 你非你 我们非自己 སེམས་གཅོང་དེ་བཟོ་མཁན། སུ་རེད། བདེན་མཐའ་ཞིག་གསལ་ཐབས་མེད། མི་ཚེ་འདི་རྨི་ལམ་རེད། རྨི་ལམ་འདི་ཁྱེད་ཀྱིས་བསྐྲུན། ལང་ཚོ་འདི་མེ་ཏོག སུའི་རེད། ཞེན་ཆགས་ཀྱི་གདུང་བས་མནར། རི་མགོ་འདི་མཐོན་པོ་རེད། མཐོན་པོ་རུ་དར་ལྕོག་བཙུགས། དར་ལྕོག་དེ་རླུང་གིས་བསྐྱོད། ཐོག་མའི་ལྷན་འཛོམས་སྔོན་མའི་ལས་འཕྲོ་རེད། ཆུང་འདྲིས་པའི་བྱམས་པ། སེམས་ཀྱི་ཚེར་མ། སྲིད་པའི་བརྩེ་དུང་ལ་ཁའི་ན་བུན་རེད། སུའི་ནོར་འཁྲུལ་རེད། རྒྱུགས། བརྩེ་སེམས་ཀྱི་རྟ་ཕོ་རྒྱུགས། སྒྲིབ། ལ་ལུང་དེ་རྡུལ་གྱིས། ཤོར། རང་སེམས་དེ་ཕྱོགས་སར་ཤོར། ཤོར། རང་སེམས་དེ་ཕྱོགས་སར་ཤོར། 你是你啊 你非你 我们非自己 སེམས་གཅོང་དེ་བཟོ་མཁན། སུ་རེད། བདེན་མཐའ་ཞིག་གསལ་ཐབས་མེད། མི་ཚེ་འདི་རྨི་ལམ་རེད། རྨི་ལམ་འདི་ཁྱེད་ཀྱིས་བསྐྲུན། ལང་ཚོ་འདི་མེ་ཏོག སུའི་རེད། ཞེན་ཆགས་ཀྱི་གདུང་བས་མནར། རི་མགོ་འདི་མཐོན་པོ་རེད། མཐོན་པོ་རུ་དར་ལྕོག་བཙུགས། དར་ལྕོག་དེ་རླུང་གིས་བསྐྱོད། ཐོག་མའི་ལྷན་འཛོམས་སྔོན་མའི་ལས་འཕྲོ་རེད། ཆུང་འདྲིས་པའི་བྱམས་པ། སེམས་ཀྱི་ཚེར་མ། སྲིད་པའི་བརྩེ་དུང་ལ་ཁའི་ན་བུན་རེད། སུའི་ནོར་འཁྲུལ་རེད།